ཡར་ཀླུང་བསྡུས་འཕྲིན།
ཉེ་དུས། བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་སྣ་དཀར་རྩེ་རྫོང་དུ་སྒྲོག་འགྲེལ་བྱས་པ།
ཉེ་ལམ། ཆུ་གསུམ་རྫོང་གིས་2026ལོའི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཞིང་། རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད་ཀྱི་ལས་དོན་མི་སྣས་ཤིང་འཛུགས་འདེབས་འཛུགས་ལག་རྩལ་ལ་མཛུབ་ཁྲིད་བྱས་པ།
ཉེ་སྔོན། གྲ་ནང་རྫོང་གིས་2026ལོའི་དཔྱིད་དུས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོའི་ནང་ཡུལ་བབ་དང་འཚམ་པའི་ཤིང་སོན་6བདམས་ཡོད་པ་དང་སྡོང་རྐང་ཁྲི་2.7ཙམ་འཛུགས་རྩིས་ཡོད་པ།
ཉེ་ཆར། མཚོ་སྨད་རྫོང་བདེ་འཇགས་རུ་ཆེན་གྱིས་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་དང་མཉམ་འབྲེལ་ཐོག་ཁོངས་གཏོགས་ཁུལ་གྱི་ཤ་རྒྱུ་ལས་སྣོན་བཟོ་གྲྭར་ཆེད་དོན་ཞིབ་བཤེར་བྱས་པ།
ཉེ་དུས། གོང་དཀར་རྫོང་དམངས་སྲིད་ཅུད་(དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད་)ཀྱིས་བྱང་ཐང་གྲོང་རྡལ་བབས་གྲོང་ཚོ་དང་རྒྱ་དྲུག་གླིང་གྲོང་གསར་དུ་དཀའ་ངལ་ཡོད་པའི་བྱིས་པའི་དུད་ཚང་དུ་བསྐྱོད་ནས་ཞིབ་བཤེར་ལས་དོན་སྤེལ་བ།
ཉེ་སྔོན། ལྷོ་བྲག་རྫོང་དམངས་ཚོགས་ལས་དོན་པུའུ་ཡིས་ཆེད་མངགས་གདན་ཞུ་བྱས་པའི་ལོང་བའི་དགེ་རྒན་ཉི་མ་དབང་འདུས་ཀྱིས་རྫོང་གློག་བརྙན་ཟློས་གར་ཁང་དུ་འབྲིང་རྒྱུགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་རྒྱུར་སྐུལ་ལྕག་གཏོང་བའི་ཆེད་དོན་འཆད་ཁྲིད་བྱས་པ།
བཟང་མོས་བསྒྱུར། བསོད་བདེས་ཞུས།ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བདེ་སྐྱིད་དཔལ་སྒྲོལ།
ཞུ་དག ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།