📍 山南市
微信公众微信公众号

ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

2026/04/18 1.9k 阅读 106 点赞

ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གསན་སྐབས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་ཏན་ཏིག་བསྟར་བའི་གོ་སྐབས་དང་བསྟུན་ནས་ཡིད་ཆེས་སྔར་བས་བརྟན་གཏོང་དང་འགག་སྒྲོལ་དཀའ་སེལ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ལོ་སྟོད་ཀྱི་དམིགས་ཚད་ལས་འགན་ཕྱེད་ཀ་ཡན་ལེགས་གྲུབ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ། 


ཟླ་4ཚེས་17ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《བདེན་འཚོལ》དུས་དེབ་ཐོག་སྤེལ་བའི་རྩོམ་ཡིག་གལ་ཆེན《མིག་སྔའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན》གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གསན་པ། མིག་སྔའི་དཔལ་འབྱོར་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་བརྟན་གཏོང་དང་། འགག་སྒྲོལ་དཀའ་སེལ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཐོག་ལོ་སྟོད་ཀྱི་དམིགས་ཚད་ལས་འགན་ཕྱེད་ཀ་ཡན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

འདི་ནི་ཚོགས་ར་ཡིན་པ།

ཚོགས་འདུའི་ཐོག་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ལྷག་བསྡད་པའི་གནད་དོན་དང་ཕན་ཡོད་གོ་སྐབས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། ཚོགས་འདུས་བསྟན་དོན།འདི་ལོ་ཚུན་དུ། གྲོང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལྷ་ས་དང་ལྷོ་ཁའི་འཕེལ་རྒྱས་ཀྱི་ལྟེ་བ་དང“སྣེ་གཅིག་ཁུལ་ལྔའི”འཐབ་ཇུས་ངེས་གནས་སྟོབས་ཆེར་གཏོང་རྒྱུར་དམ་པོར་དམིགས་ཐོག་སྤྱིའི་དམིགས་ཚད་ལ་གཞིགས་ནས། “འགོ་འཛུགས་ནི་རྒྱལ་ཕམ་ཐག་གཅོད་ཡིན་པ་དང་། ཐོག་མའི་གོམ་སྟབས་ནི་མཐའ་མའི་གདོང་མཆོང་ཡིན་པའི”རྣམ་འགྱུར་འཛིན་ཏེ། “སྙིང་སྟོབས་གསུམ”མུ་མཐུད་དར་སྤེལ་བཏང་བས། དུས་ཚིགས་དང་པོའི་དཔལ་འབྱོར་ལས་དོན་གྱི་གོམ་སྟབས་བརྟན་པོ་དང་། འགོ་ཚུགས་རྣམ་པ་ཡག་པ། དམིགས་ཚད་འཕར་མགྱོགས་པ། འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་བ། དམངས་འཚོ་འགན་ལེན་ཡག་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་པ། ལས་ཀའི་སྤྱོད་ཚུལ་བདེན་པ་བདེན་ཐུབ་བཅས་ཀྱི་རྣམ་པ་མངོན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཆེད་འགོ་ཡག་པོ་ཞིག་བཙུགས་པ་དང་། ཐོག་མའི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཡོད། 

ཚོགས་འདུས་ནན་བཤད་བྱས་དོན། མ་འཇོག་དང་འཛད་སྤྱོད་ལ་དམ་འཛིན་ནན་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རྣམ་གྲངས་དེ་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི“འགག་རྩར”བརྩིས་ནས་རྣམ་གྲངས་འཛུགས་སྐྲུན་གྱི“དུས་སྐབས་ཡག་ཤོས”དམ་འཛིན་བྱེད་དགོས་པ་དང་། ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་གཙོ་གནད་རྣམ་གྲངས་འགན་གཙང་ལེན་དང་། ཆེད་སྒྲུབ་ཚན་པས་སྐུལ་འདེད་གཏོང་བ་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་དགོས་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་འགོ་འཛུགས་པ་དང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། དཀའ་གནད་དང་འགག་གནད་རེ་རེ་བཞིན་ཐག་གཅོད་བྱེད་པ། སྤུས་ཚད་དང་བདེ་འཇགས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དངོས་འབོར་ཅན་དེ་བས་མང་བ་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས། འཛད་སྤྱོད་དེ་བརྟན་ཐོག་འཕར་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། “གསར་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་མཐའ་འཁྱོངས་བྱས་ནས།“སྲིད་ཇུས་དང་བྱེད་སྒོ”མཉམ་སྡེབ་གང་ལེགས་བྱེད་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་གསར་གཏོད་ཀྱིས་རྒྱུན་རྣམ་ཅན་དུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། སྣེ་མང་འཛད་སྤྱོད་ཀྱི་སྒུལ་ཤུགས་ཧུར་ཐག་གཏོད་པ། ཕྲེང་འབྲེལ་རྣམ་པའི་འཛད་སྤྱོད་རྣམ་པ་གཏོད་པ། ཟོག་འགྲེམས་ཀྱི“འཁོར་རྒྱུག་གཉིས”ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་དགོས།སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་དང་གོང་མཐོར་བཏང་སྟེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལེགས་སུ་གཏོང་བ་དང་། འབྱུང་འཕྲོད་ཨར་ལས་རྒྱུ་ཆ་དང་། གཏེར་ལས་དཔལ་འབྱོར། མི་རིགས་ལག་ཤེས་བཟོ་ལས་བཅས་གོང་འཕེལ་ཤུགས་ཆེན་བཏང་ནས་ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་གཏོང་རྒྱུ་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་དགོས། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ནུས་རྒྱུ་གཙང་མའི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེ་རུ་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བ་དང་། ཁྱད་ལྡན་རིག་གནས་དང་ཡུལ་སྐོར་གྱི་ལན་པར་ལ་དམིགས་པ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། ལམ་ཐིག་རྩེ་གྲ་གཏོད་པ།“རིག་གནས་ཡུལ་སྐོར་དང་འགྲན་བསྡུར”བརྒྱུད་མི་རྒྱུན་འདྲེན་འགུག་བྱེད་སྟངས་ཁྱབ་གདལ་བཏང་ཐོག་རིག་གནས་ཡུལ་སྐོར་དང་འབྲེལ་བའི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས།ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། རྒྱུ་ནོར་བདག་དབང་སྲུང་སྐྱོང་དང་། ཁྲོམ་རའི་ཆོག་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་དོན་འཁྱོལ་བྱེད་པ། ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། “ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་དོན་འཁྱོལ་བྱེད་པ། “དཔང་ཡིག་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བརྒྱུད་སྤུས་ལེགས་ཀུན་ཕན་གྱི་གཞི་རྒྱུ་གཙོ་བོའི་ཁོར་ཡུག་ཆ་ཚང་དུ་གཏོང་དགོས། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་འགུགས་བྱེད་སྟངས་སྣ་ཚོགས་སྟབས་བསྟུན་ངང་སྤྱད་དེ་ཚོང་འགུགས་མ་འདྲེན་གནད་སྨིན་བྱེད་དགོས།དམངས་འཚོའི་དངོས་དོན་ཡག་པོ་བསྒྲུབ་དགོས།ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་རྩལ་ནུས་གསོ་སྦྱོང་དང་། ལས་གནས་སྦྲེལ་མཐུད། ངལ་ནུས་ཕྱིར་གཏོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་རོགས་སྐྱོར་ཡག་པོ་བྱེད་དགོས། སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁུལ་གྱི་སྤུས་ཚད་ལེགས་སུ་གཏོང་རྒྱུ་མགྱོགས་སུ་གཏོང་བ། རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། གྲོང་ཁྱེར་གྱི“ཅན་ལྔ”དང“ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་སྲོལ་གསར་དར་སྤེལ་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་བྱ་བ་དངོས་ཡག་པོ་སྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་ཡག་པོ་བྱས་ཐོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་འགན་ལེན་གྱིས་དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས།བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཐོན་རྒྱུ་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས། ནུས་ཤུགས་གང་ཡོད་ཀྱིས་འགལ་བ་དང་རྩོད་གཞི་སེལ་དགོས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་མངོན་མེད་རྐྱེན་རྩ་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་རིགས་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས། ནུས་ཤུགས་གང་ཡོད་ཀྱིས་འགལ་ཟླ་རྩོད་གཞི་འདུམ་འགྲིག་དང་སེལ་ཐབས་བྱས་ཏེ། འགལ་ཟླ་གོང་རིམ་ལ་མི་སྤྲོད་པ་དང་། དུས་བདེ་ལས་གནས་ཚུལ་གང་བྱུང་མི་ཐོན་པ། ཞབས་ཞུར་ཁུག་ཆ་མ་ལུས་པ་བཅས་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ་དང་། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་དགོས།


ཚོགས་འདུའི་ཐོག་ནན་བཤད་བྱས་དོན།ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བསམ་ཕྱོགས་ཁ་གསལ་བཟོ་བ། དཀའ་ཁག་སེལ་བ་བཅས་བྱེད་དགོས། ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། རྒྱུན་རྣམ་ཅན་གྱི་གྲོས་མོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲེད་ཕྱོགས་ནས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞུང་ཕྱོགས་ནས་མཉམ་འགུལ་ཡག་པོ་བྱེད་དགོས། ལྟ་ཞིབ་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས“ཉིན་རེའི་སྙན་ཞུ་དང་། གཟའ་འཁོར་རེའི་ལྟ་ཞིབ་ཚད་ལེན། ཟླ་རེའི་བཀོད་གཏོང་། དུས་ཚིགས་རེར་རྩིས་བཤེར”བཅས་ཀྱི་ལས་ཀའི་ལམ་སྲོལ་དང་སྔོན་བརྡ་གཏོང་བའི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་དགོས། སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ། འགག་རྩའི་ལྷུ་ཚིགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།།བསོད་བསྟན་གྱིས་བསྒྱུར། བསོད་ཡེ་བདེས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།    བསོད་ནམས་དོན་གྲུབ།

ཞུ་དག ཡེ་ཤེས་བཟང་མོ། །བདེ་སྐྱིད་དཔལ་སྒྲོལ། 

免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

评论 (2)

苏州市民2026-03-18 15:30

非常实用的信息,感谢分享!

科技爱好者2026-03-18 14:20

这篇文章写得很详细,有帮助!